ཧྭ་ཝེའི་ཉེར་སྤྱོད་ཁྲོམ་ར་དང་གསང་བའི་གསལ་བསྒྲགས་ཀྱི་སྐོར།
གསར་སྒྱུར་བྱས་པའི་ཚེས་གྲངས། 2019ལོའི་ཟླ་8པའི་ཚེས་20ཉིན།
ཧྭ་ཝེའི་ཉེར་སྤྱོད་ཁྲོམ་རའི་ལས་སྒོ་ནི་ཧྭ་ཝེའི་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་གཉེར་བ་ཡིན། གཤམ་ལ་ང་ཚོའམ་ཧྭ་ཝེ་ཞེས་བསྡུ་རྒྱུ་ཡིན། དེ་ནི་ཕབ་ལེན་དང་སྒྲིག་འཇུག ཉེར་སྤྱོད་དོ་དམ་བྱེད་པའི་ལས་སྟེགས་ཤིག་ཡིན། ཧྭ་ཝེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་གསང་དོན་སྲུང་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་བཅའ་ཁྲིམས་ཀྱི་བླང་བྱ་དང་ལས་རིགས་ཀྱི་བྱང་ཆུབ་པའི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དེ་མཚུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཐབས་མཁོ་འདོན་བྱ་རྒྱུ་ཡིན།
•ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱས་ཏེ། ཁྱེད་ཀྱིས་ཉོ་སྒྲུབ་དང་ཕབ་ལེན། ནང་འཇུག་དང་ཁྱེད་ཀྱི་ཉེར་སྤྱོད་དོ་དམ་བྱེད་བདེ་བར་བྱེད།
•ཁྱེད་རང་བྱེད་སྒོར་ཞུགས་ནས་བྱ་དགའི་དངོས་རྫས་ཐོབ་པའམ་ལེགས་སྐྱེས་ཁུག་མ་ལེན་པ། གོང་ཁེའི་འཛིན་ཤོག་སོགས་བྱ་དགའ་ལེན་སྐབས། ཁྱེད་ལ་བྱ་དགའི་དངོས་རྫས་བསྐུར་ཆེད། ང་ཚོས་བྱེད་སྒོའི་མཉམ་འབྲེལ་ཕྱོགས་དང་ཕྱོགས་གསུམ་པའི་ཟོང་སྐྱེལ་ཀུང་སི་ལ་ཁྱེད་ཀྱི་འབྲེལ་གཏུག་བྱེད་ཐབས་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱ་དགོས། ཞིབ་ཕྲའི་ནང་དོན་ནི་གཞུང་དངོས་ནས་ཞིབ་བརྗོད་བྱས་པ་ལྟར་ཡིན།
•ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐོའི་ཆ་འཕྲིན་དང་དེ་མིན་ཁྱེད་ཀྱི་ཧྭ་ཝེའི་ཉེར་སྤྱོད་ཁྲོམ་རའི་ཁྲོད་ཀྱི་འཚོལ་ཞིབ་དང་ཕབ་ལེན། ལག་ལེན་གྱི་ཆ་འཕྲིན་གཞན་བཅས་བེད་སྤྱད་དེ། བྱེད་ནུས་ལེགས་བཅོས་བྱེད་པ་མ་ཟད། ཁྱེད་ལ་རང་གཤིས་ཅན་གྱི་འོས་སྦྱོར་མཁོ་འདོན་བྱེད། ཞིབ་ཕྲའི་ནང་དོན་ནི་གཞུང་དངོས་ནས་ཞིབ་བརྗོད་བྱས་པ་ལྟར་ཡིན།
1. ང་ཚོས་ཁྱེད་མི་སྒེར་གྱི་ཆ་འཕྲིན་ཅི་ལྟར་འཚོལ་སྡུད་དང་བེད་སྤྱོད་པ་ཡིན།
བལྟ་བཤེར།/འཚོལ་བཤེར།/ཕབ་ལེན།/ནང་འཇུག/ཉེར་སྤྱོད་སྒྲོལ་འདོར།
ཁྱེད་རང་ཧྭ་ཝེའི་ཉེར་སྤྱོད་ཁྲོམ་ར་ལ་སླེབས་སྐབས། ཁྱེད་ཀྱིས་ང་ཚོའི་ཞབས་ཞུ་དང་ནུས་པ་རྒྱུན་གཏན་ངང་བེད་སྤྱོད་བྱ་ཐུབ་པར་འགན་ལེན་བྱ་ཆེད། ང་ཚོས་ཁྱེད་ཀྱིས་ཉེར་སྤྱོད་བཀོལ་སྤྱོད་བྱས་པའི་ཆ་འཕྲིན་དང་། སྒྲིག་ཆས་ཀྱི་གསལ་འབྱེད་རྟགས། བཀོལ་སྤྱོད་མ་ལག་གི་སྒྲིག་བཀོད་ཆ་འཕྲིན། སྒྲིག་ཆས་ཀྱི་སྲ་ཆས་ཆ་འཕྲིན། དྲ་རྒྱའི་ཆ་འཕྲིན། གཉེར་སྐྱོང་ཚོང་པའི་ཆ་འཕྲིན། ནང་འཇུག་བྱས་ཟིན་པའི་ཉེར་སྤྱོད་ཀྱི་རེའུ་མིག་དང་ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན་བཅས་བསྡུ་རུབ་བྱ་རྒྱུ་ཡིན།
ཁྱེད་ཀྱིས་ཧྭ་ཝེའི་རྩིས་ཐོ་ནང་འཇུག་བྱས་རྗེས། ཁྱེད་ཀྱིས་རིན་སྤྲད་དེ་ཉེར་སྤྱོད་ཉོ་བ་དང་། བྱེད་སྒོར་ཞུགས་པ། དཔྱད་བརྗོད་སྤེལ་བ་དང་གླེང་སྟེགས། ཉེར་སྤྱོད་མཉམ་སྤྱོད། རོལ་རྩེད་གསར་པ་སྔོན་མངག་དང་འདོད་མོས་ཉོ་ཐོ་སོགས་ཀྱི་ཞབས་ཞུ་ཉམས་སུ་མྱོང་ཆོག ཁྱེད་ཀྱི་ཉོ་ཐོའི་ཆ་འཕྲིན་ནི་ཉེར་སྤྱོད་ཀྱི་པར་དབང་སྲུང་སྐྱོབ་ཏུ་བཀོལ་སྲིད་ལ། འབྲེལ་ཡོད་ཀྱི་ཟིན་ཐོ་གཞན་དག་ཁྱེད་ཀྱི་བལྟ་བཤེར་དང་དོ་དམ་ཁོ་ནར་བཀོལ་བ་ཡིན། གོང་བརྗོད་ཀྱི་ཆ་འཕྲིན་ཚང་མ་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་དང་སྦྲེལ་ཏེ། ཁྱེད་ཀྱི་སྒྲིག་ཆས་གཞན་པའི་ཐོག་ནས་འགྲོས་མཉམ་བྱེད་བདེ་བར་བྱེད།
བྱེད་སྒོ་དང་བྱ་དགའ་ལེན་པའི་ཞབས་ཞུ།
ང་ཚོས་ཁྱེད་ལ་ཕུན་སུམ་ཚོགས་པའི་བྱ་དགའ་གྲ་སྒྲིག་བྱས་ཏེ། དེའི་ནང་དུ་བྱ་དགའི་དངོས་རྫས་དང་། ལེགས་སྐྱེས་ཁུག་མ། གོང་ཁེའི་འཛིན་ཤོག་བཅས་འདུས་ཡོད། ཁྱེད་ཀྱིས་བྱེད་སྒོར་ཞུགས་པ་བརྒྱུད་ནས་བླངས་ཆོག ང་ཚོས་ཁྱེད་ཀྱི་ལེགས་སྐྱེས་ཁུག་མའི་བརྗེ་ལེན་ཨང་རྟགས་དང་གོང་ཁེའི་འཛིན་ཤོག ཧྭ་སྒོར་བཅས་འདིའི་རིགས་ཀྱི་དངོས་པོ་མིན་པའི་སྒོར་མོའི་ཆ་འཕྲིན་ལ་མཉམ་འཇོག་བྱ་སྲིད་དེ། ཁྱེད་ཀྱིས་དུས་ནམ་ཡང་ཁྱེད་ཀྱི་འཛད་སྤྱོད་ཀྱི་ཟིན་ཐོ་དང་ལྷག་དངུལ་ལ་བལྟ་བདེ་བར་བྱེད། ཁྱེད་ལ་བྱ་དགའི་དངོས་རྫས་བསྐུར་ཆེད། ང་ཚོས་ཁྱེད་ཀྱི་འབྲེལ་གཏུག་བྱེད་ཐབས་བསྡུ་རུབ་བྱས་ཏེ་མཉམ་ལས་ཕྱོགས་དང་ཕྱོགས་གསུམ་པའི་ཟོང་སྐྱེལ་ཀུང་སི་ལ་མཁོ་འདོན་བྱ་དགོས།
ཉེར་སྤྱོད་ཀྱི་དཔྱད་བརྗོད་དང་གླེང་སྟེགས་ཀྱི་ཞབས་ཞུ།
ཁྱེད་ཀྱིས་ཕབ་ལེན་བྱས་ཟིན་པའི་ཉེར་སྤྱོད་ལ་སྐར་གྲངས་འགོད་པ་དང་དཔྱད་གཏམ་སྤེལ་བ། ཡང་ན་ཁྱེད་རང་སྤྲོ་བ་ཡོད་པའི་ཉེར་སྤྱོད་ཀྱི་གླེང་སྟེགས་ལ་བལྟ་ཆོག་པ་མ་ཟད། ཁྱེད་ཀྱི་བསམ་འཆར་སྤེལ་ཆོག ང་ཚོས་ཁྱེད་ཀྱིས་དཔྱད་བརྗོད་དང་གླེང་སྟེགས་བཀོལ་བའི་ཆ་འཕྲིན་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐོའི་འོག་ཏུ་ཉར་ཚགས་བྱ་སྲིད་ཅིང་། ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐོའི་གཅེས་མིང་དང་མགོ་པར་ནམ་ཡང་མི་ཚང་མས་མཐོང་ཐུབ།
ནང་དོན་མཉམ་སྤྱོད་ཞབས་ཞུ།
ཁྱེད་ཀྱིས་དགའ་སའི་ཉེར་སྤྱོད་དེ་སྤྱི་ཚོགས་ཀྱི་འབྲེལ་གཏུག་སྟེགས་བུ། དཔེར་ན་འཕྲིན་ཕྲན་དང་པོད་འཕྲིན། ཡང་ན་སྤྱི་ཚོགས་ཀྱི་འབྲེལ་གཏུག་མཉེན་ཆས་གཞན་དག་སོགས་སུ་མཉམ་སྤྱོད་བྱས་ཆོག མཉམ་སྤྱོད་བྱེད་སྐབས་ལས་སྟེགས་དེ་དག་གིས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱེད་སྲིད་པས་ཞིབ་ཕྲ་ཁྱེད་ཀྱིས་སྤྱི་ཚོགས་འབྲེལ་གཏུག་སྟེགས་བུའི་གསང་བའི་སྲིད་ཇུས་ལ་ལྟ་ཀློག་བྱེད་རོགས།
རོལ་རྩེད་གསར་པ་སྔོན་མངག་དང་འདོད་མོས་ཉོ་ཐོའི་ཞབས་ཞུ།
ང་ཚོས་ཁྱེད་ལ་རོལ་རྩེད་གསར་པ་སྔོན་མངག་དང་འདོད་མོས་ཉོ་ཐོའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཁྱེད་ཀྱིས་དུས་ཐོག་ཏུ་འདོད་མོས་ཆེ་བའི་རོལ་རྩེད་དམ་ཉེར་སྤྱོད་ཉམས་སུ་མྱོང་བདེ་བར་བྱས་ཡོད། དེར་བརྟེན་ང་ཚོས་ཁྱེད་ཀྱི་སྔོན་མངག་གི་ཟིན་ཐོ་དང་འདོད་མོས་ཉོ་ཐོའི་ཆ་འཕྲིན་བསྡུ་རུབ་བྱ་དགོས།
སྤྱོད་མཁན་གྱི་ཞབས་ཞུ་དང་བརྡ་ཐོའི་གསལ་བརྡ།
ང་ཚོས་དགོས་ངེས་ཀྱི་སྐབས་སུ་བརྡ་ཐོའི་ཚན་པ་ནས་བྱེད་སྒོ་དང་བྱ་དགའ་ཐོབ་པ། དཔྱད་བརྗོད་སོགས་ཀྱི་ཆ་འཕྲིན་སྟོན་སྲིད། ཁྱེད་ཀྱིས་ངའི་ནས་སྒྲིག་བཀོད་དང་། དེ་ནས་བརྡ་ཐོའི་གསལ་བརྡ་བརྒྱུད་ནས་སྒོ་རྒྱག་ཆོག
ང་ཚོས་བརྡ་ཐོའི་སྒྲོམ་ནང་ཉེར་སྤྱོད་གསར་སྒྱུར་གྱི་ཆ་འཕྲིན་སྟོན་གྱི་ཡོད། ཁྱེད་ཀྱིས་ངའི་ནས་སྒྲིག་བཀོད་དང་། དེ་ནས་ཉེར་སྤྱོད་གསར་སྒྱུར་གྱི་གསལ་འདེབས་བརྒྱུད་ནས་སྒོ་རྒྱག་ཆོག
རོལ་རྩེད་དམ་ཉེར་སྤྱོད་ནང་གི་རམ་འདེགས་ཞབས་ཞུ།
ཁྱེད་ཀྱིས་རོལ་རྩེད་དམ་ཉེར་སྤྱོད་རོལ་མྱོང་བྱེད་བདེ་བའི་ཆེད་དུ། ང་ཚོས་མ་ལག་གི་རྒྱུན་བཀོལ་སྒྲིག་བཀོད་དང་ཉེར་སྤྱོད་ཀྱི་རམ་འདེགས་བྱེད་ནུས་ཀྱི་གཅུས་སྒོ་བཞག་ཡོད། ཁྱེད་ཀྱིས་རོལ་རྩེད་དམ་ཉེར་སྤྱོད་ལས་ཕྱིར་ཐོན་མི་དགོས་པའི་སྐབས་སུ་མགྱོགས་པོར་སྒྲིག་བཀོད་བྱ་ཆོག དཔེར་ན། ཁྱེད་ཀྱིས་རོལ་རྩེད་རྩེ་སྐབས། རོལ་རྩེད་ཀྱི་ནང་ནས་བརྡ་འཕྲིན་གྱི་སུན་བཟོ་མེད་པ་དང་། བརྙན་ཡོལ་བརྙན་ལེན། རོལ་རྩེད་མགྱོགས་གཏོང་། མཐེབ་གནོན་ནོར་འགོག་སོགས་ཀྱི་རམ་འདེགས་ཞབས་ཞུ་བཅས་ཉམས་སུ་མྱོང་ཆོག དེ་ལས་ང་ཚོས་ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་བྱས་པའི་ཆ་འཕྲིན་བསྡུ་རུབ་བྱས་ཏེ། རྒྱུན་མཐུས་ནས་ཞབས་ཞུ་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ་ཡིན།
དཀའ་རྙོག་དང་བསམ་འཆར་དག་ཕྱིར་ལྡོག་ཞབས་ཞུ།
ཁྱེད་ཀྱིས་གནད་དོན་དང་བསམ་འཆར་གྱི་ནང་ནས་གནད་དོན་ནམ་བསམ་འཆར་བཏོན་ཆོག་པ་མ་ཟད། རྒྱུད་ཁོངས་ཀྱི་ཟིན་ཐོའི་ཆ་འཕྲིན་མཉམ་སྤྱོད་བྱ་མིན་བདམས་ཏེ། ང་ཚོས་སྔར་ལས་སྟབས་བདེ་བའི་ངང་གནད་དོན་གསལ་བོར་ཐག་གཅོད་བདེ་བར་བྱས་ཆོག ཁྱེད་དང་འབྲེལ་གཏུག་བྱེད་ཆེད།ཁྱེད་ཀྱིས་ཁྱེད་ཀྱི་འབྲེལ་གཏུག་བྱེད་ཐབས་འབྲི་དགོས།
མགོ་གཡོག་མགོ་སྐོར་དང་བྱ་སྤྱོད་ངན་པ་གཞན་འགོག་པ།
ཧྭ་ཝེ་དང་ཁྱེད། ཧྭ་ཝེའི་མགྲོན་པོ་གཞན་པའི་དབང་ཆར་སྲུང་སྐྱོབ་བྱ་ཆེད། ང་ཚོས་གོང་གི་བསྡུ་རུབ་བྱས་པའི་ཆ་འཕྲིན་གཞིར་བཟུང་ནས་ཉེན་ཁ་ཚོད་འཛིན་བྱེད་ཅིང་། མགོ་གཡོག་མགོ་སྐོར་སོགས་ཁྲིམས་འགལ་གྱི་བྱེད་སྒོར་བཀག་འགོག་བྱེད།
གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་འདོན་སྤྲོད་མ་བྱས་ན། ང་ཚོས་ཁྱེད་ལ་གོང་གསལ་གྱི་ཞབས་ཞུ་ཆ་ཚང་ཞིག་འདོན་སྤྲོད་བྱེད་མི་ཐུབ།
2. རང་གཤིས་ཅན་གྱི་འོས་སྦྱོར།
ང་ཚོས་ཁྱེད་ཀྱིས་ཉེར་སྤྱོད་འདི་བཀོལ་བའི་ཆ་འཕྲིན་དང་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས། IP ས་གནས་དང་ཧྭ་ཝེའི་རྩིས་ཐོའི་ཆ་འཕྲིན་ལ་དབྱེ་ཞིབ་བྱས་ཏེ། ཁྱེད་ཀྱིས་དེ་བས་སྤྲོ་བ་ཡོད་པའི་ནང་དོན་རྙེད་པར་རོགས་བྱེད། དཔེར་ན་ཁྱེད་ཀྱིས་དེ་སྔོན་ཉེར་སྤྱོད་ཁྲོམ་རའི་ཁྲོད་ནས་འཚོལ་བཤེར་དང་བལྟ་བཤེར། ཕབ་ལེན། གསར་སྒྱུར་རམ་དཔྱད་བརྗོད་བཅས་བརྒྱུད་ནས་ང་ཚོས་ཁྱེད་རང་སྤྲོ་བ་ཡོད་ཤས་ཆེ་བའི་ཉེར་སྤྱོད་འོས་སྦྱོར་བྱེད། ནང་དོན་སྔར་བས་ཕུན་སུམ་ཚོགས་པོ་འོས་སྦྱོར་བྱ་ཆེད། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་སྟེང་གི་ཉེར་སྤྱོད་ཁ་ཕྱེ་བ་དང་ནང་འཇུག་བྱེད་པ། སུབ་པ་སོགས་འབྲེལ་ཡོད་ཀྱི་སྡོམ་རྩིས་ཆ་འཕྲིན་བཀོལ་སྲིད།
3. བྱིས་པར་སྲུང་སྐྱོབ།
ཉེར་སྤྱོད་འདི་ནི་མི་དར་མ་ཁོ་ནར་བཀོལ་སྤྱོད་བྱེད། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ལྟ་སྐྱོང་པས་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་པར་འཐད་པ་དང་འབྲེལ་ཡོད་བཀོལ་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་འཐད་པ་བྱུང་དགོས། ཕ་མ་དང་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱ་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།
4. ཕྱོགས་གསུམ་པ་དང་མཉམ་སྤྱོད་བྱེད་པ།
ང་ཚོར་ཁྱེད་ཀྱིས་ཉེར་སྤྱོད་ཁྲོམ་ར་བཀོལ་སྤྱོད་བྱེད་སྐབས་སུ་ཐོན་པའི་མི་སྒེར་གྱི་ཆ་འཕྲིན་མ་ཡིན་པ་འགའ་མཉམ་ལས་ཟླ་གྲོགས་ལ་མཁོ་འདོན་བྱས་སྲིད། དཔེར་ན་ཉེར་སྤྱོད་གསར་སྤེལ་པ། ནང་དོན་མཁོ་འདོན་པ། དེ་དག་གིས་རང་གི་ཞབས་ཞུ་བཀོལ་བའི་གནས་ཚུལ་དང་ཚད་ལེན་བྱེད་རོགས་བྱེད་པ་དང་། པར་དབང་གི་ཁྲལ་དང་རྩིས་རྒྱག་པའི་རེ་བ་སྐོང་བ་མ་ཟད། དེའི་ཉེར་སྤྱོད་དང་ཞབས་ཞུ་ལེགས་བཅོས་གཏོང་།
5. ཁྱེད་ཀྱི་གཞི་གྲངས་ལ་དོ་དམ་བྱེད་པ།
ཁྱེད་ཀྱིས་ཧྭ་ཝེའི་ཉེར་སྤྱོད་ཁྲོམ་ར་ནས་ངའི་རུ་ཕེབས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་འཚམས་འདྲི་དང་དག་བཅོས། ཡང་ན་གསུབ་པ་དང་། ཡང་ན་མི་སྒེར་གྱི་ཆ་འཕྲིན་སྤྱོད་དབང་གི་མོས་མཐུན་ཕྱིར་འཐེན་བྱས་ཆོག
གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་བསམ་འཆར་རམ་གྲོས་གཞི་གང་རུང་ཞིག་ཡོད་ཚེ། གསལ་བསྒྲགས་འདིའི་ནང་གི་ས་བཅད་ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད་ཞེས་པ་ཡི་ནང་དུ་བརྗོད་པའི་འབྲེལ་གཏུག་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད་ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག
6. གཞི་གྲངས་གསོག་ཉར་བྱེད་ས་དང་ཡུན་ཚད།
ཁྱེད་ཀྱི་ཉོ་ཐོའི་ཆ་འཕྲིན་ནི་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐོ་ཐོ་འགོད་བྱེད་གནས་ཀྱི་ཞབས་ཞུ་ཆས་སུ་ཉར་ཚགས་བྱ་སྲིད། དེ་ལྟར་བྱས་ཚེ་རྒྱལ་ཁབ་བམ་ས་ཁུལ་བརྗེས་ནས་ཞབས་ཞུ་ས་གནས་མི་འདྲ་བ་གདམ་ཚེ་སྔར་བཞིན་ཁྱེད་ཀྱིས་ཉོས་ཟིན་པའི་ཡུན་རིང་ཁྱེད་ལ་དབང་བའི་ཉེར་སྤྱོད་དམ་ཉེར་སྤྱོད་ནང་གི་ཚོང་རྫས་སོགས་བཀོལ་ཆོག དེ་ལས་གཞན་པའི་གཞི་གྲངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ཞབས་ཞུའི་ཆས་ཐོག་ཏུ་བརྒྱུད་གཏོང་བྱ་བ་མ་ཟད་དེར་ཉར་ཚགས་བྱ་སྲིད།
ང་ཚོས་གསལ་བསྒྲགས་འདིའི་ནང་བརྗོད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པར་དགོས་ངེས་ཀྱི་དུས་ཚོད་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་རྒྱུ་མ་ཟད། གཤམ་གྱི་དུས་ཚོད་ལས་བརྒལ་རྗེས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སུབ་པའམ་ཡང་ན་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་པས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བླང་བྱ་གཞན་ཡོད་པ་ཕུད།
ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས་དང་རྒྱུད་ཁོངས་མ་ལག་གི་སྒྲིག་བཀོད་ཆ་འཕྲིན། སྒྲིག་ཆས་ཀྱི་སྲ་ཆས་ཆ་འཕྲིན། དྲ་བར་སྦྲེལ་སྟངས་དང་རིགས་གྲས། དྲ་བར་སྦྲེལ་བའི་ངང་ཚུལ། ཁྱེད་ཀྱིས་ཉེར་སྤྱོད་འདི་བཀོལ་བའི་ཆ་འཕྲིན། ལེགས་སྐྱེས་ཁུག་མའི་བརྗེ་ཨང་། གོང་ཁེའི་འཛིན་ཤོག འབྲེལ་གཏུག་བྱེད་ཐབས། ཁྱེད་ཀྱིས་དཔྱད་བརྗོད་དང་གླེང་སྟེགས་བཀོལ་བའི་ཆ་འཕྲིན། དཀའ་རྙོག་དང་བསམ་འཆར་དག་གྱི་ཆ་འཕྲིན། སྔོན་མངག་གི་ཟིན་ཐོ། འདོད་མོས་ཉོ་ཐོའི་ཆ་འཕྲིན་བཅས་ལོ་ 2 ལ་ཉར་ཚགས་བྱེད་སྲིད།
ཁྱེད་ཀྱི་ IP གནས་ཡུལ་དང་དྲ་བར་སྦྲེལ་བའི་རྣམ་པ་དང་རིགས།གཉེར་སྐྱོང་ཚོང་ཁང་གི་ཆ་འཕྲིན་དང་ཉེར་སྤྱོད་ཁྲོམ་ར་ཁག་ཅིག་བེད་སྤྱད་པའི་འབྲེལ་ཡོད་ཆ་འཕྲིན་ཉིན་7 ཁོ་ནར་ཉར་ཚགས་བྱེད།
ཁྱེད་ཀྱི་མངག་ཐོའི་ཆ་འཕྲིན་ལོ་ 7 ལ་ཉར་ཚགས་བྱས་པའི་རྗེས་སུ་གསུབ་ངེས།
དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་འཁོར་སྐྱོད་བྱེད་མཚམས་འཇོག་པའི་གནས་ཚུལ་ཐོན་ཚེ། ང་ཚོས་བརྡ་ཐོ་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པའི་ཐོག་ནས་ཁྱེད་ལ་བརྡ་ཐོ་གཏོང་བ་མ་ཟད། ལུགས་མཐུན་གྱི་དུས་ཡུན་ནང་དུ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱ་སྲིད།
7. ང་ཚོ་དང་ཇི་ལྟར་འབྲེལ་གཏུག་བྱེད་དམ།
ང་ཚོས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་ལས་སྡེ་ཁག་ (ཡང་ན་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་ཆེད་བཏང་མི་སྣ་) བསྐོ་འཇོག་བྱས་ཡོད། ཁྱེད་ཀྱིས་https://consumer.huawei.com/cn/legal/privacy-questions/ལ་ལྟ་སྤྱོད་བྱེད་པ་བརྒྱུད་ནས་དེ་དང་འབྲེལ་བ་བྱེད་ཆོག ང་ཚོས་གང་མགྱོགས་ཀྱིས་ལན་བསློག་ངེས་ཡིན།
གལ་ཏེ་ང་ཚོས་ལན་བཏབ་པ་དེ་ལ་ཁྱེད་རང་མ་འཐད་པའམ། ལྷག་པར་དུ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་ཆོག ཁྱེད་ཀྱིས་ཀྱང་ང་ཚོར་སྤྱོད་གོ་ཆོད་པའི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་རྒྱུས་ལོན་བྱས་ཆོག
ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་གསང་བའི་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་ཁྱེད་ཀྱི་ཆ་འཕྲིན་འཚོལ་སྡུད་དང་བེད་སྤྱོད་བྱ་སྲིད། ང་ཚོའི་སྒེར་གསང་སྲིད་ཇུས་ཀྱི་སྐོར་ལ།https://consumer.huawei.com/cn/legal/privacy-policy/ཞེས་པར་དཔྱད་ཀློག་བྱས་ཆོག